Tuesday, September 7, 2021
གནམ་བྱཱར་གྱི་སྐབས་ཟླཝ་ཕྱེད་དང་གཉིས་བཞུགས་དགོ་པའི་རྒྱབ་ཁུངས།
༉ ང་བཅས་རའི་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ཡོད་པའི་ གྲྭ་ཚང་དང་ བཤད་གྲྭ་མང་རབས་ཅིག་ནང་ ཟླཝ་ཕྱེད་དང་གཉིས་ཀྱི་རིང་ དབྱར་གནས་སྲུང་གནང་དོ་ཡོདཔ་ཨིན་མས།
དབྱར་གནས་སྲུང་ནིའི་སྲོལ་དེ་ སྟོན་པ་སངྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་རྡོ་རྗེ་གདན་ལུ་ སངས་རྒྱས་ཞིནམ་ལས་ དགེ་སློང་ཚུ་ལུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ བཞུགས་པའི་སྐབས་ འཚོ་བ་འཇིག་རྟེན་པ་ཚུ་ལས་ བསོད་སྙོམས་ལྷང་སྟེ་ བཞུགས་དགོཔ་བྱུང་ནུག།
དེ་བསྒང་ དགེ་སློང་ཚུ་བསོད་སྙོམས་ལྷང་པར་ ཕར་ཚུར་འགྱོ་བའི་སྐབས་ རྐངམ་གིས་འབུབ་ཚུ་བསད་དོ་ཡོདཔ་ལས་ ཕྱི་རོལ་མུ་ཏིག་པ་ཚུ་གིས་ ནང་པའི་ཆོས་འབད་མི་ཚུ་ལུ་ ཁ་བཏང་མི་ལུ་བརྟེན་ སངྱས་བཙོམ་ལྡན་འདས་ཀྱིས་ ཕྱི་རོལ་པའི་འཕྱར་ཁ་བཟློག་ཐབས་ལུ་ གནམ་བྱཱར་གྱི་དུཤ་ཚོད་ལུ་ དགེ་སློང་ཚུ་ ཕར་ཚུར་འགྱོ་མ་ཆོག་པར་ ཚུལ་ཁྲིམས་ཡང་དག་པར་བསྲུང་སྟེ་ ཆོས་འབད་བཅུག་ཡོདཔ་ཨིན་པས།
དབྱར་གནས་སྲུང་པའི་སྐབས་ དགེ་སློང་ཚུ་ གྲྭ་ཚང་དང་ བཤད་གྲྭའི་ཕྱོགས་བཞི་ལས་བརྒལ་ཏེ་ འགྱོ་མ་ཆོག་པའི་ཁར་ དེ་གི་སྐབས་ གསོ་སྦྱོང་ཡན་ལག་བཞི་ དེ་ལས་ དགག་དབྱེ་བཞི་ཟེར་བསྲུང་ནི་ཡོདཔ་ཨིན་པས།
བསྙེན་གནས་ཡན་ལག་བརྒྱད་ཀྱི་ སྡོམ་པ་དེ་ཡང་ སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ མི་ཚངས་སྤྱོད་པ་ རྫུན་སྨྲ་བ་ ཆང་སྤང་བ་ ཕྱི་དྲོ་ཁ་ཟས་སྤང་པ་ གར་སོགས་གསུམ་དང་ ཕྲེང་སོགས་གསུམ་སྤང་སྟེ་ ཚུལ་ཁྲིམས་ཉམས་སུ་བླང་དགོཔ་ཨིན་པས།
Subscribe to:
Post Comments (Atom)
གནམ་བྱཱར་གྱི་སྐབས་ཟླཝ་ཕྱེད་དང་གཉིས་བཞུགས་དགོ་པའི་རྒྱབ་ཁུངས། ༉ ང་བཅས་རའི་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ཡོད་པའི་...
-
༼འཛམ་གླིང་དགའ་མཐུན་གྱི་ཉིནམ༽ ༉ དུས་རྟག་ཏུ་ སྤྱི་ཟླ་ ༠༢ པའི་ཚེས་ ༡༤ འདི་ སྤྱིར་བཏང་འཛམ་གླིང་ནང་ལུ་ དགའ་མཐུན་གྱི་ཉིནམ་ཟེར་ རང་གི་དགའ་བའ...
-
སྐྱེ་བ་མི་དང་མཉམ་རུང་བསོད་ནམས་མི་དང་མ་མཉམ༽ ༉ འཇིག་རྟེན་འཛམ་གླིང་འདི་ནང་ དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འཐོབ་པའི...
-
༼སློབ་ཁང་གི་ཉིནམ་དང་པ༽ སྤེལ་ཁང་གི་སྨོན་ཚིག། ༉ ད་རེས་ སྤྱི་ཚེས་ ༡༥.༠༢.༢༠༢༠ ལུ་ ནམ་དགུན་གྱི་ངལ་གསོ་ ཟླ་ངོ་ ༠༢ དེ་ཅིག་སྡོད་པའི་ཤ...
No comments:
Post a Comment