་
|
སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༡༤ ཟླ་༨ པའི་ཚེས་ ༨ ལུའམ་ འགོ་བཙུགས་གནང་ཡོད་པའི་ སེམས་དོན་རིག་པའི་སྤེལ་ཁང་དེ་ རྒྱབ་ཁབ་ཀྱི་ངོ་རྟགས་དང་ ཐུན་མོང་མ་ཡིན་པའི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་རྩ་བ་ ལུས་སེམས་ལེགས་བཅོས་འབད་ནི་དང་ གཙོ་བོ་ཞི་བདེ་དང་འཆི་བ་མེདཔ་ སྙིང་རྗེ་དང་རང་སེམས་བཏུལ་ནི་ཚུ་ སངྱས་པའི་ཆོས་འབདཝ་ལས་ གཞུང་གྲྭ་ཚང་གིས་འགོ་འདྲེན་ཐོག་ སློབ་སྦྱོང་འདི་ནང་ལུ་ བློ་དམན་པ་རང་ཡང་ འཕྲོ་མཐུད་ཤེས་ཡོན་པ་སྦེ་ ལོ་ངོ་བཞི་གི་རིང་ལུ་ བར་ཆད་སོགས་མེད་པར་ ཤོ་ཐེངས་ གསུམ་པའི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་མཛད་སྒོ་ནང་ རྡོ་རྗེ་སློབ་དཔོན་རིན་པོ་ཆེའི་ཞབས་ལས་ ལེགས་དར་དང་ལག་འཁྱེར་ཞུ་བའི་སྐབས་ ང་བཅས་ཚུ་ལུ་ཞལ་བཀོད་གནང་བའི་ནང་གསལ་ སྤེལ་ཁང་གི་དམིགས་ཡུལ་དེ་ འབྲུག་པའི་མི་སེར་ཚུ་ ཆོས་ཀྱི་ལྟ་བ་ལུ་ གོམས་འདྲིས་ཚུད་བཅུག་ནི་དང་ སྐྱབས་རྗེ་ རྗེ་མཁན་མཆོག་གི་ཐུགས་ཀྱི་དགོངས་བཞེད་ཚུ་རིམ་པར་གྲུབ་སྟེ་ ཞི་བདེ་དང་དགའ་སྐྱིད་ཚད་མེད་ཀྱི་ལམ་ལུ་གནས་ཐབས་དང་ མ་འོངས་ན་གཞོན་ཚུ་ ཡ་རབས་ཀྱི་བསམ་སྤྱོད་བཟང་པོའི་ རིག་རྩལ་མཐར་འཁྱོལ་ཅན་ཅིག་ལུ་འགྱུར་ཐབས་ལུ་ཨིན་ཟེར་གསུངས་གནང་ཡི།
| སྐལ་བ་ཅན་གྱི་མི་ངོམ། |
མཇུག་རང་
སྤེལ་ཁང་གི་མཁན་ཆེན་གྱི་གཙོས་པའི་སློབ་དཔོན་རྣམས་དང་
འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བའི་ཡིག་ཚང་གི་
གཙོ་འཛིན་དང་འགོ་དཔོན་ཡོངས་ལུ་དང་ རང་གི་ཕམ་སྤུན་ཆ་ གཉེན་གྲོགས་ ཆ་རོགས་ཚུ་གིས་ ད་ཚུན་གྱི་རིང་ལུ་རྒྱབ་སྐྱོར་གང་དྲག་མཛད་གནང་མི་ལུ་
སེམས་ཀྱི་ཧིངས་ལས་དགའ་འཚོར་དང་ ད་ལས་ཕར་འབད་རུང་ རང་གིས་དད་དམ་གཙང་མའི་སྒོ་ལས་
རྩ་བ་གསུམ་ལུ་སྔར་བ་ལྷག་པའི་ཕྱག་འཕྱིད་ཞུ་རྒྱུའི་ཁས་བླངས་ཕུལ་ནི་ཨིན་ལགས།
