༼གནས་ཚུལ་ཧན་ཤོས༽
༉ མངོན་པར་མཛོད་ལས་
ལས་ལས་འཇིགས་རྟེན་སྣ་ཚོགས་སྐྱེས།། ཞེས་གསུངས་པར་ལྟར། འཇིགས་རྟེན་འདི་ནང་ མི་ལུས་ཐོབ་པའི་དུས་ལས་
མ་ཤིས་ཚུན་གྱི་བར་དུ་སེམས་ལུ་ སྡུག་བསྔལ་སྣ་ཚོགས་མྱོངས་དགོ་པའི་ཁར་ དུག་ལྔ་ལས་བརྟེན་མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་སྡོད་མ་ཚུགས་མི་འདི་ཡང་
སེམས་ཅན་རང་སོའི་ལས་ཨིནམ་ལས་ དགའ་བ་དང་སྡུག་བསྔལ་འདི་ལུས་དང་གྱིབ་མ་བཟུམ་སྦེ་ཡོདཔ་ལས་
མི་ཚེ་དགའ་སྐྱིད་ཀྱི་ངང་ལུ་བཟོ་དགོཔ་འདི་ཁག་ཆེ་བས་ཟེར་ཞུ་ནི།
![]() |
| བུ་ཆུང་མགོན་པོ་ཚེ་རིང་། |
ཨའེ་སྨོ་ སྤྱི་ལོ་ ༢༠༡༥ ལོར་ ང་གི་སེམས་རྟོག་ཁ་
རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ ཁྲིམས་དོན་གཙུག་ལག་འོག་མའི་སྦྱོང་བརྡར་ མཐར་འཁྱོལ་བའི་རྗེས་སུ་
ད་རེས་ ལོ་ངོ་ ༠༥ ཚུན་གྱི་བར་ན་ གཡོག་ལཱ་གི་དོན་ལུ་ དྲིས་བཀོད་ཀྱི་ལས་རིམ་ནང་ལས་ གཡོག་ཐོབ་ནུག་ཟེར་བའི་གནས་ཚུལ་བཟང་པོ་ཐོས་ནི་ཕར་བཞག་
ཐ་ན་ ང་གིས་དྲིས་བཀོད་ཀྱི་ལས་རིམ་ནང་ ང་རའི་ངོ་སྤྲོད་རང་འབད་མ་ཚུགས་པའི་དཀའ་ངལ་འབྱུངམ་མ་ཚད་
ག་དེམ་གཅིག་རྩ་འགེངས་རུང་ བསམ་བསམ་པའི་ཤིང་ཁར་བྱ་འཁོར་མ་ཚུགསཔ་ལས་ སེམས་ལུ་འཁྲུལ་སྣང་སྦོམ་སྦེ་རང་ལང་ཡི་ཟེར་ཞུ་ནི།
ཨིན་རུང་ ང་གིས་ལཱ་གཡོག་ཆུང་ཀུ་གཅིག་ཨིན་རུང་
སེམས་ཁར་ཚ་གྱ་དང་ ཤ་གཞེན་བསྐྱེད་ཐོག་ལས་ སེམས་ཀྱི་ཧིངས་ལས་ཕྱག་ཞུས་ཏེ་སྡོད་མི་གཅིག་ཨིན།
རང་སེམས་དཀརཔོ་ལུ་ལས་འབྲས་མེན་ ཡི་དམ་ལྷ་ཡིས་བཀོ་མི་བཞག་ཟེར་སླབ་དོ་བཟུམ་ ད་རེས་ སྤྱི་ཚེས་
༠༡.༡༠.༢༠༡༩ ལུ་ ང་ལུ་སྐྱབས་གནས་དཀོན་མཆོག་གསུམ་གྱི་གཟིགས་ཡོདཔ་ལས་ ངེའི་སེམས་ལུ་དགའ་བ་གཞན་དང་མ་འདྲ་བའི་ཚོར་སྣང་བྱུངམ་མ་ཚད་
ད་ལས་ཕར་ ལུས་ངག་ཡིད་གསུམ་ དཀོན་མཆོག་གསུམ་ལུ་ཕུལ་ཏེ་ གཞུང་དང་མི་སེར་ལུ་ ཟམ་བཟུམ་མའི་ཕྱག་འཕྱིད་ཞུ་ནི་ཨིན་པའི་
ཁས་བླངས་ཕུལ་ནི་དང་ མུན་པ་ནང་སྡོད་པའི་ཚེ་ རྒྱབ་སྐྱོར་གནང་མི་ལུ་ ངེའི་ཕམ་སྤུན་ཆ་དང་
ཆ་རོགས་ དེ་མ་ཚད་ ངེའི་དགའ་བའི་བུམོ་ལུ་ཡང་ སེམས་ཀྱི་ཧིངས་ལས་དགའ་འཚོར་དང་ ལྷག་པར་དུ་ཡང་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་ལྟེ་བའི་གཙོ་འཛིན་དང་ལས་འབྱེདཔ་ཡོངས་ཀྱིས་
བློ་སེམས་གཅིག་སྦེ་ ད་རེས་ང་མང་བའི་སྦུག་ལས་བཙག་ ཉུང་པའི་སྦུག་ལས་གདམས་ཏེ་ ཁྲིམས་དོན་ཞིབ་རོགས་སྦེ་ བཙག་འཐུས་གྲུབ་གནང་མི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ནི། ད་ལས་ཕར་ ང་ལུ་གཞན་དང་མ་འདྲ་བའི་འགན་འཁུར་ཕོགས་ཡོད་མི་ཚུ་ སེམས་ཁར་བཀལ་ཏེ་ཕྱག་ཞུ་ནི་དང་ ངེའི་སེམས་ཁར་གཞན་དང་མ་འདྲ་བའི་དཔའ་ཉམས་ཤར་ཏེ་ཡོད་ཟེར་ཞུ་ནི་ལགས།
