Thursday, September 19, 2019




སྐྱིད་སི་སྦིའི་ཧ༼ཚེ་བཅུ༽


   འབྲུག་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་གཅིག་འབདཝ་ལས་ ཡ་མཚན་ཆེ་བའི་ལུང་བསྟན་ལས་གཏེར་ཆེན་མང་རབས་གཅིག་ ཞབས་ཀྱི་བཅགས་པའི་ཤུལ་ལས་ སྤྱིར་འགྲོ་བ་སེམས་ཅན་ལུ་ ཕན་ཐོགས་པའི་མཛད་བྱ་ལེ་ཤ་མཛད་གནང་ཡོད་མི་ཚུ་ མིག་འཐོང་ལག་བཟུང་ཡོད་པའི་ནང་གསལ་ གཅིག་ང་བཅས་ལྷུན་རྩེ་རྫོང་ཁག་ སྨན་སྦིས་རྒེད་འོག་ ས་གནས་གཞུང་མཁར་སྐྱིད་སི་སྦི་ཟེར་མི་ནང་ གཞན་དང་མ་འདྲ་བའི་ལམ་སྲོལ་བཟང་པོ་གཅིག་སྦེ་གནས་ཏེ་ཡོད་ཟེར་ཞུ་ནི།
བླམ་འཇིགས་མེད་གླིང་པས་རྩོམ་གནང་མི་བྲོ་རྐྱབས་མི་བུམོ་ཚུ་གི་མཐོང་སྣང་།
དེ་ཡང་ བླ་སྤྲུལ་ཚུ་གི་གྲལ་ལས་ བླམ་འཇིགས་མེད་གླིང་པ་མཆོག་གིས་ ལྷ་ཁང་འདི་གསར་བཞེངས་མཛད་པའི་ནམ་དུས་ལུ་ བར་ཆད་སོགས་ག་ཡང་མེད་པར་ སྐྱབས་མགོན་མཛད་གནང་པའི་རྗེས་སུ་ ལྷ་ལུ་བྲོ་ཟེར་བའི་ཞབས་བྲོའི་གདངས་དབྱངས་གཅིག་ རབ་གནས་མཛད་པའི་སྐབས་ ལེགས་འབུལ་སྦེ་ཕུལ་ཡོད་པའི་ལོ་རྒྱུས་འདུག་ཟེར་ཞུ་ནི།
བྲོ་རྐྱབས་མི་བུཚ་ཚུ་གི་མཐོང་སྣང་།
དེ་ལས་ཚུར་ སྤྱི་ཟླ་བདུན་པའི་ཚེས་ ༡༧ ལས་ ༡༩ བཅས་ཉིན་གྲངས་གསུམ་རིང་ལུ་ ཉའི་སྦིས་དང་གཞུང་མཁར་ དྭངས་གླིང་ སྨན་བྱ་སྦིས་ གཡུས་ཁག་བཞི་པོའི་ནང་ ལོ་བསྟར་གྱི་དུས་སྟོན་བཟང་པོ་གཅིག་སྦེ་རྩིས་སྲོལ་ཡོདཔ་དང་ ཉིནམ་གསུམ་གྱི་ནང་འཁོད་ ལྷ་ཁང་གི་སྐུ་འཆམ་གནང་མི་ཚུ་ལུ་གསོལཝ་དང་ འཆམ་གྱི་ཅ་ཆས་ཚུ་བདག་འཛིན་འཐབ་མི་ སྐོར་རྒྱབ་སྦེ་ཉའི་སྦིས་གཡུས་ལས་ ལོ་རེར་ལུ་ཁྱིམ་གུང་ལྔ་ཡིས་འགན་ཁྲི་འབག་དགོཔ་ཨིན།
ཉིནམ་དང་པོ
དེ་ཡང་ ཚེས་ ༡༧ ལུ་ས་གནས་སྦད་པར་ཟུར་ཟེར་མི་ནང་ བདུད་ཀྱི་འཕྲང་རབས་ལུ་ ལེགས་འབུལ་ཕུལ་བའི་རྗེས་སུ་ ས་གནས་སྐྱིད་སི་སྦི་ཡི་མི་སེར་ཚུ་གིས་ནུབ་འཆམ་ལས་འགོ་བཙུགསཔ་ཨིན། ཉིནམ་འདི་གི་དྲོ་པ་ གོང་འཁོད་གཡུས་བཞི་པོའི་མི་སེར་ཚུ་གིས་ ལོ་ངོ་གཅིག་གི་ནང་འཁོད་ བར་ཆད་མེད་པར་བསམ་དོན་གྲུབ་ཚུགས་པའི་རྗེས་དྲེན་ལུ་ ལྷ་ལུ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོའི་སྒོ་ལས་ སྨོན་ལམ་དང་ཚོགས་ཚུ་ཕུལཝ་ཨིན།
དེ་མ་ཚད་ བླམ་འཇིགས་མེད་གླིང་པ་མཆོག་གིས་ ལྷ་ལུ་ལེགས་འབུལ་ཕུལ་བའི་བྲོ་ཟེར་བའི་གདངས་དབྱངས་འདི་ བྲོ་དཔོན་བཅས་བུཚ་བདུན་དང བུམོ་ལྔ་བཅས་མི་གྲངས་ ༡༢པོ་རྒྱན་ཆ་བཏགས་ཏེ་ མཛེས་བྱ་ལྡན་པའི་སྒོ་ལས ལྷའི་བུ་དང་བུམོ་དབྱེར་མེད་དུ་འཐེན་སྲོལ་ཡོདཔ་དང་ ཕྱི་རུ་ཁམས་ལུ་མི་སེར་ཚུ་ལྷ་ཁང་གི་ཐང་ནང་ མགོན་པོ་དང་མགོན་མོའི་སྐུ་འཆམ་གྱིས་འབྱིན་རླབས་དང་དངོས་གྲུབ་ཞུ་བར་སྤུངས་འཛོམས་འབདཝ་ཨིན།


ཉིནམ་གཉིས་པ
ཚེས་ ༡༨ ལུ་ དྲོ་པ་ལས་ གཡུས་ཁག་གསུམ་གྱི་མི་སེར་ཚུ་ སྤུང་འཛོམས་འབད་དེ་ རང་སོའི་སྡོད་གནས་ཡོད་པའི་ནང་གསལ་ ཉའི་སྦིས་པའི་དོག་ས། གཞུང་མཁར་པའི་དོག་ས། དྭངས་གླིང་པའི་དོག་ས། སྨན་བྱ་བི་པའི་དོག་ས། ཟེར་སྡོད་གནས་ཁག་སོ་སོ་ཡོདཔ་མ་ཚད་ ཕམ་དང་སྤུན་ཆ་གྱོནམ་ཚུ་ལུ་ ཇ་ཆང་ལོངས་སྤྱོད་ འབོལ་མཆི་མཆི་སྦེ་རྩིས་སྲོལ་ཡོད།
མགོན་མོ་དང་མགོན་པོ་ དེ་ལས་ཆོས་སྲུང་དང་ཨར་པོའི་གར་འཆམ་གྱི་སྐུ་པར།
བླམ་མས་བཏུལ་ཡོད་པའི་རྟའི་རྒ་བཆ་གུར་བཙན་དང་ ཨར་པོ་ དེ་ལས་ ཡམ་འཕེལ་གྱི་གར་འཆམ་གྱི་སྐུ་པར།
ཉིན་འཕྱེད་ བྲོ་དང་བཙན་གྱི་སྐུ་འཆམ་ དེ་ལས་ མགོན་པོ་དང་མགོན་མོ་གྱི་སྐུ་འཆམ་གནང་སྲོལ་ཡོད། ལོ་རྒྱུགས་གཅིག་ལས་འབདན་ སྐྱིད་སི་སྦིའི་ལྷ་ཁང་འདི་གསར་བཞེངས་ཚར་བའི་རྗེས་སུ་ འགྲོ་བ་སེམས་ཅན་གྱི་དོན་ལུ་དང་ ནད་མུག་འཐབ་རྩོད་གཞི་ནི་ ཆར་ཆུ་དུས་སུ་འབབ་སྟེ་ ལོ་ཐོ་རྟག་ཏུ་ལེགས་པའི་བརྟེན་འབྲེལ་ལུ་དམིགས་ཏེ་ མགོན་པོ་དང་། མགོན་མོ། ཆོས་སྲུང་། བཙན། ཡམ་འཕེལ་ལ་ བཅས་སྐུ་འཆམ་ལྔ་གིས་ཐོག་ལས་ བླམ་ཁོ་རས་སྤྲུལ་ཏེ་གནང་སྲོལ་ཡོད་རུང་ ལོ་རེར་ལུ་མི་རེ་ཡི་ཚེ་སྲོག་ལུ་གནོད་དོ་ཡོདཔ་ལས་ རྒྱུ་མཚན་ག་ཅི་ཨིན་ན་ཟེར་ བླ་མས་ཐུགས་དམ་གྱི་ངང་ལུ་གཟིགསཔ་ད་ ལྷ་ཁང་གི་ལྟག་ལུ་ཚལ་མ་ཡོད་སར་ རྟའི་གབ་ཆ་གུར་འཆམ་རྐྱབས་བཙན་གཅིག་གིས་ མིའི་སྲོག་གནོད་ཡོདཔ་མཁྱེན་ཏེ་ བླམ་གྱིས་ཐུགས་དང་ནུས་པ་ལས་བརྟེན་བཙན་འདི་ མི་ཚུ་གིས་གདོང་ཁར་དམ་བཏགས་ནི་འབདཝ་ད་ ཚད་མ་ནང་གྱོགས་ཡར་སོང་རུང་ བླ་མས་དམ་བཏགས་པའི་གནད་ལས་ ད་རེས་ནང་པ་ཡང་ བཙན་གྱི་སྐུ་འཆམ་འདི་ལྷ་ཁང་ལས་མེན་པར་ ལྷ་ཁང་གི་བལྟ་ལུ་ཡོད་པའི་ཚལ་མ་ནང་ལས་ སྐུ་འཆམ་གནང་སྟེ་མི་དམང་འཛོམས་སར་འཐོནམ་མ་ཚད་ གཡུས་ཁག་བཞི་པོའི་སྡོད་གནས་དོག་ས་གེ་ར་ནང་གནང་བའི་ ནམ་དུས་ལུ་རྒས་གཞོན་མེད་པར་ སྨོན་ལམ་དང་དངོས་གྲུབ་ཞུ་སའི་ བགོ་སྐལ་བཟང་པོ་གཅིག་ཨིནམ་མ་ཚད་ ཟས་དང་ལྟོ་འཕུད་སོགས་ཕུལ་ རེད་ལས་བཟོ་བའི་སྦོ་མ་ཡང་ གཅིག་གིས་གཅིག་གདོང་གུར་དབུར་ཏེ་ དགའ་སྤྲོའི་སྒོ་ནས་ ཞབས་བྲོ་རྐྱབས་སྲོལ་ཡོད།
ཉིནམ་གསུམ་པ
དྲོ་པ་ཧ་སག་ གསུང་ཆོད་གནང་ཐོག་ སྐུ་འཆམ་གྱི་ཞལ་འབབ་སོགས་ ཨ་རྟག་གི་ཚམས་ཁང་ནང་བདེན་འདྲེན་ཞུ་སྟེ་ གསང་འཕོད་འཇལ་བའི་སྨོན་ལམ་དང་ ལོ་གཅིག་གི་ནང་འཁོད་ བར་ཆད་མི་འབྱུང་བར་ ལྷག་པར་དུ་ཡང་ མི་དབང་ཡབ་མས་སྲས་གསུམ་སྐུ་ཚེ་བསྐལ་བརྒྱར་གནས་བཅུ་ཟེར་བའི་ སྨོན་འདེབས་བཅས་མཇུག་བསྡུཝ་ཨིན་ནོ།


   



གནམ་བྱཱར་གྱི་སྐབས་ཟླཝ་ཕྱེད་དང་གཉིས་བཞུགས་དགོ་པའི་རྒྱབ་ཁུངས། ༉ ང་བཅས་རའི་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ཡོད་པའི་...