༼སློབ་གྲྭའི་བསྟོད་ཚིག་བློ་ཟེ༽
བྱིན་ཅན་གསུམ་གྱི་སྦུགས་ན་ལུ།།
ལྷ་གཡུལ་འདྲ་བའི་སློབ་གྲྭ་ཡང་།།
འདི་ནང་ཆགས་ཏེ་དགའ་བས་སྨོ།།
སེངྒེ་རྫོང་གི་བྱིན་རླབས་གཅིག།།
ཨ་བརྒྱ་གནས་ཀྱི་བྱིན་རླབས་གཉིས།།
ཨྱོན་གུ་རུའི་བྱིན་རླབས་གསུམ།།
བཟའ་ཚང་ཡོངས་ལ་གནང་བར་ཤོག།།
སྐུ་ཡོན་མཁས་པའི་སློབ་དཔོན་རྣམས།།
བསྐལ་པ་མ་སྟོང་བཞུགས་བཅུག་ཟེར།།
བློ་དམན་རང་གི་ཁ་ཐུག་ལས།།
གུས་ཞབས་སྒོ་ནས་གསོལ་བར་དགེའོ།།
སྟག་མོ་ཆུ་གི་མིང་ཅན་ལ།།
རྒྱལ་ཁབ་ཡོངས་ལ་ཁྱབ་པར་ཤོག།།
བྲངས་རྩིས་བཞེས་པའི་མཆེད་འགྲོགས་རྣམས།།
བསམ་དོན་བཞིན་དུ་གྲུབ་པར་ཤོག།།
བཀའ་དྲིན་ཅན་གྱི་སློབ་གྲྭ་ལ།།
མ་འགྱུར་བརྟན་པ་བཞུགས་གནང་སྟེ།།
ལས་ཀྱི་འཁོར་བའི་མགོན་པོ་ནས།།
འཕྲལ་དང་འཕྲལ་རང་མཇལ་འཐོན་འོང་།
ས་མོ་ཕག་གི་ལོར་འདི་ནང་།།
མི་ལོ་གཉེར་ལྔའི་དུས་བསྟོན་ཞུ་།།
ཤེས་བྱ་ཅན་གྱི་མཆེད་འགྲོགས་རྣམས།།
དགའ་སྤྲོའི་སྒོ་ནས་འབྱོན་པར་ཤོག།།
