Thursday, January 10, 2019

སྐྱེ་བ་མི་དང་མཉམ་རུང་བསོད་ནམས་མི་དང་མ་མཉམ༽


༉ འཇིག་རྟེན་འཛམ་གླིང་འདི་ནང་ དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འཐོབ་པའི་རྗེས་སུ་ རང་སོའི་རེ་བ་བརྒྱ་སྟོང་སྦེ་ཡོད་རུང་ ལ་ལུ་ཚེ་སྔོན་མའི་ལས་བརྟེན་ བསམ་ཚེ་དོན་ལུ་མ་འགྱུར་ མནོ་ཚེ་ལག་པར་མ་འཁོར་བའི་ ཆོས་གྲོགས་ལེ་ཤ་ཡོད་པའི་ནང་གསལ་ གཅིག་བསོད་ནམས་མེད་པའི་བུཚ་ང་ཨིན་ཟེར་ཞུ་ནི། ཨིན་རུང་ཚེ་སྔོན་མར་ ལས་གཞན་དང་མ་འདྲ་བའི་ དཀར་ནག་བསག་པའི་འབྲས་བུ་ དུས་ད་རེས་རང་གི་མྱོངམ་ད་ སེམས་ལུ་སྐྱོ་སྣང་ལང་པའི་གནམ་དུས་ལུ་ མི་དགེ་བའི་ལཱ་སྤངས་ཏེ་ དགེ་བའི་ལཱ་ལུ་བརྩོན་དགོཔ་འདི་ཁག་ཆེ་དྲག་གཅིག་ཨིན་པས།

གལ་སྲིད་ ཚེ་ད་རེས་ཡང་དཀར་ནག་གི་བྱ་བ་ལུ་བརྩོན་པ་ཅིན་ ཚེ་ཕྱི་མ་དམྱལ་བའི་ལམ་དུ་མཐལ་ནིའི་རྒྱུ་ཨིན་པའི་ཁར་ རང་སོའི་ལས་ཀྱི་འབད་ སེམས་ཅན་གྱི་ལུས་སུ་སྐྱེས་ནི་དང་ ཡངན་ མི་ལུས་རིན་པོ་ཆེའི་ལུས་རྟེན་འཐོབ་རུང་ ད་རེས་བཟུམ་གྱི་བསོད་ནམས་མེད་པའི་ མི་ངོམ་ལུ་སྐྱེས་ནིའི་རྒྱུ་ཨིནམ་ང་གི་ཧ་མགོ་ཡི།

ང་གིས་གོང་ལུ་ཞུ་དོ་བཟུམ་ དགེ་བའི་བྱ་བ་ལུ་བརྩོན་དགོཔ་འདུག་ཟེར་ཞུཝ་ད་ ཨིན་ཅི་མིན་ཅི་ དངུལ་ཀྲམ་ས་ཡ་ཐོག་ལས་ དགེ་བའི་བྱ་བ་ལུ་བརྩོན་དགོཔ་མེན་པར་ གཙོ་བོ་སེམས་ལུ་རག་ལས་དགོཔ་ཨིན་པས། སེམས་ནི་ལུས་ཀྱི་གཡོག་པོ་ཨིན་ཟེར་ སླབ་སྲོལ་ཡོད་དོ་བཟུམ་ སེམས་ཀྱི་མནོ་རེ་མནོ་ཚེ་ ལུས་ཀྱི་འབད་ནི་མེན་པར་ དབྱེ་ཞིབ་འབད་དེ་ཟབ་ཟབ་འབད་དགོཔ་ དུས་ནམ་རང་འབད་རུང་ སེམས་ལས་བརྗེད་དགོཔ་མེན་ཨིནམ་ ལེགས་ཤོམ་སྦེ་ཧ་མགོ་ཡི།

ད་རེས་དུས་ཚོད་དེ་ཁར་ རང་གི་སེམས་ལུ་གཞན་དང་མ་འདྲ་བའི་ འཁྲུལ་སྣང་ལང་སྟེ་འོངམ་མས་ དེ་ཡང་ ཆུང་ཚེ་མའི་བསྒང་ལས་ དྲིན་ཆེ་བའི་ཕམ་གཉིས་ཀྱི་ མེདན་རོགས་ལས་འཚོལ་ ཡོདཔ་ཁོང་ར་གཉིས་ལས་བཏོན་ མིའི་གྱལ་ཁར་བཙུགས་གནང་བའི་ཐ་མ་ སྤྱི་ལོ་ ༢༠༡༢ ལུ་ སློབ་རིམ་ ༡༢ པ་ མཐར་འཁྱོལ་བའི་རྗེས་སུ་ སེམས་རྟོག་ཁ་འཛིན་སྐྱོང་སློབ་དེབ་ནང་ ཁྲིམས་དོན་གཙུག་ལག་འོག་མའི་ སྦྱོང་བརྡར་ཐེངས་ ༠༨ པའི་གྲངས་སུ་ཚུད་དེ་ ཆོས་གྲོགས་ཚུ་དང་འཕྱད་ སྦྱོང་བརྡར་གྱི་ཤེས་ཡོན་སྦྱངས་མི་འདི་ དུས་ད་ལྟོ་ཡང་སེམས་ཁར་ཤར་དེ་རང་ཡོད།

སྐྱེས་ས་སོ་སོར་ཨིན་རུང་ འཛོམས་ས་གཅིག་ཁར་ཨིན་མི་འདི་ ཚེ་སྔོན་གྱི་ལས་འཕྲོ་སྦོམ་ཡོད་པའི་ རྟགས་མཚན་གཅིག་ཨིནམ་ང་གི་ཧ་མགོ་ཡི། ཨིན་རུང་ རང་སོའི་མི་ཚེ་སྐྱོང་ཐབས་དོན་ ས་ཕྱོགས་སོ་སོ་ནང་བཞུགས་ཏེ་ཡོད་མི་ ངེའི་ཆོས་གྲོགས་ཚུ་ སྐུ་ཁམས་བཟང་ཏོག་ཏོ་སྦེ་ཡོདཔ་འོང་མནོ་བའི་ རེ་བ་ཡོདཔ་མ་ཚད་ བསགས་པའི་ཐ་མ་ཟད་ནི་ འཛོམས་པའི་ཐ་མ་འབྲལ་ནི་འདི་ འཇིགས་རྟེན་པའི་འགྲོ་ལུགས་རང་དེ་སྦེ་ཨིནམ་ལས་ གནད་དོན་དེའི་ཐད་ སེམས་འཁྲུལ་དགོཔ་གཅིག་མིན་འདུག།

མཐར་འཁྱོལ་མཛད་སྒོའི་སྐབས


ངེའི་མཆེད་འགྲོགས།



ཨིན་རུང་ ང་དང་ཆོས་གྲོགས་ལ་ལུ་གཅིག་ རང་གི་ཕོཝ་བཀང་ནིའི་དོན་ གཏན་འཇགས་ཀྱི་ལཱ་གཡོག་གཅིག་མེད་པའི་གནད་ལས་ ཕམ་ལུ་དྲིན་ལན་འབྱོར་མ་ཚུགས་ གཞུང་དང་མི་སེར་ལུ་ཞབས་ཏོག་ཞུ་མ་ཚུགས་པར་  བཟའན་བཅུད་མེད་ ཉལན་གཉིད་མེད་པར་ མུན་ནག་ནང་སྡོད་པའི་འཚོར་སྣང་འབྱུང་མི་འདི་ རང་སོའི་ཚེ་སྔོན་མའི་ལས་ཨིན་པས་ཟེར་ བསམ་དེ་ཡོད། རྒྱུ་མཚན་དེའི་ཕྱིར་ སྐྱེ་བ་མི་དང་མཉམ་རུང་ བསོད་ནམས་མི་དང་མ་མཉམ་ཟེར་བའི་ཐོག་ལས་ འཚོར་བརྩོམ་གཅིག་བྲིས་ཡོད་ཞུའོ།

བཀའ་དྲིན་ཆེ། 

  







No comments:

Post a Comment

གནམ་བྱཱར་གྱི་སྐབས་ཟླཝ་ཕྱེད་དང་གཉིས་བཞུགས་དགོ་པའི་རྒྱབ་ཁུངས། ༉ ང་བཅས་རའི་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ཡོད་པའི་...