Saturday, February 15, 2020


༼སློབ་ཁང་གི་ཉིནམ་དང་པ༽

 སྤེལ་ཁང་གི་སྨོན་ཚིག།
   ད་རེས་ སྤྱི་ཚེས་ ༡༥.༠༢.༢༠༢༠ ལུ་ ནམ་དགུན་གྱི་ངལ་གསོ་ ཟླ་ངོ་ ༠༢ དེ་ཅིག་སྡོད་པའི་ཤུལ་ སློབ་ཁང་གི་ཉིནམ་དང་པ་འགོ་བཙུགསཔ་ཨིན། ང་བཅས་འཕྲོ་མཐུད་ཤེས་ཡོན་སྦྱངས་མི་ ཉམས་རོགས་ཚུ་གི་དོན་ལུ་ཉིནམ་འདི་གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོག་ཅིག་ཨིནམ་མ་ཚད་ ང་དྲོ་པ་མལ་ཆ་ནང་ལས་གཉིད་ཚོརཝ་ཅིག་ སེམས་ལུ་འཚོར་བ་གཞན་དང་མ་འདྲཝ་ཅིག་ཤར་ཡི། དེ་ལས་ དུས་ནམ་རང་འབད་རུང་ སེམས་ཅན་ཡོངས་ལུ་ཐུགས་རྗེ་གཟིགས་མི་ དཀོན་མཆོག་གསུམ་ལུ་ ལུས་ལུ་ནཱ་ཚ་དང་ སེམས་ལུ་སྡུག་བསྔལ་སོགས་མེད་པར་ ལུས་བདེ་ཡི་ངང་ལུ་སྡོད་ཚུགས་མི་ལུ་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་ བཀའ་དྲིན་ཆེ་ཟེར་གསོལཝ་བཏབ་ཅི།
དེ་མ་ཚད་ རང་ལུ་བཀའ་དྲིན་ཆེ་བའི་ཕམ་གཉིས་དང་ སློབ་ཁང་གི་མཁན་ཆེན་གྱི་དབུ་གཙོས་པའི་སློབ་དཔོན་ཡོངས་ སྤུན་ཆ་ གཉེན་འགྲོགས་ཚུ་ལུ་ བྱམས་བརྩེ་དང་རྒྱབ་སྐྱོར་གནང་མི་དང་ ལྷག་པར་དུ་ཡང་ སློབ་ཁང་གི་ཉམས་རོགས་ཚུ་གི་ སྤུན་ཆ་ཨིན་པའི་དུས་ཤེས་བསྐྱེད་གནང་མི་ལུ་བཀའ་དྲིན་ཆེ་ཟེར་ གདོང་ལུ་དགའ་འཛུམས་དང་བཅས་པའི་སྒོ་ལས་ ཉིནམ་དང་པ་འདི་ནང་ལུ་གཞན་དང་མ་འདྲ་བའི་དགའ་བ་འབྱུང་ཡི།
སྤེལ་ཁང་གི་ལས་རྟགས
དྲོ་པ་ཚུ་ཚོད་ ༩:༣༠ ལུ་ རྒྱལ་ཁབ་ནང་ བཀའ་དྲིན་ཅན་གྱི་ཕམ་ ཞབས་དྲུང་རིན་པོ་ཆེ་མཆོག་གི་ རྫོང་ཆེན་དང་པ་སེམས་རྟོག་ཁ་རྫོང་བཞེངས་གནང་མི་ ས་གནས་ནང་ལྷོད་པའི་ཚེ་ སྤྱིར་སེམས་ཅན་ཐམས་ཅད་ འཁོར་བའི་སྡུག་བསྔ་རྒྱ་མཚོ་ཆེན་པོ་ལས་འགྲོལ་ཏེ་ མཐར་ཐུག་སངྱས་ཀྱི་འགོ་འཕང་ལུ་འཐོབ་བཅུ་ཟེར་དང་ རྒྱལ་ཁབ་ནང་ལུ་ཤེས་ཡོན་སྦྱངས་མི་སློབ་ཕྲུག་ཡོངས་དང་ ང་བཅས་ཉམས་རོགས་ཚུ་ལུ་ རྐྱེ་ངན་འབྱུང་མ་བཅུ་ གྲུབ་འབྲས་ལེགས་ཤོམ་འབྱུང་བཅུ་ཟེར་ སྨོན་ལམ་བཏབ་ཅི།
ང་བཅས་སེམས་ཅན་ཡོངས་ཀྱི་ མཐར་པ་སངྱས་ཀྱི་ལམ་བསྟོན་པ་ སངྱས་དངོས་ རྡོ་རྗེ་འཆང་གི་ཁྲི་ཐོགས་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ང་བཅས་སློབ་ཕྲུག་ཚུ་གི་མཐའ་དོན་ལུ་གཟིགས་ཏེ་ སེམས་དོན་རིག་པའི་སྤེལ་ཁང་ཟེར་ ནངས་པའི་ཆོས་ཀྱི་སློབ་སྦྱོངས་དོན་ལུ་ གཞི་གཙུགས་མཛད་དེ་ཡོད་མི་ནང་ བློ་དམན་པ་རང་གི་ཡང་འདི་ནང་ལུ་ གསེར་ལས་དཀོན་པའི་འགོ་སྐབས་འཐོབ་ཚུགས་མི་འདི་ བསྐལ་བ་བཟང་ཡི་ བཀའ་དྲིན་ཆེ་ཟེར་ཞུ་ནི། རང་གི་འབད་རུང་ གསེར་ལས་དཀོན་པའི་འགོ་སྐབས་འཐོབ་པའི་རྗེས་སུ་ ཉིན་མཚན་མེད་པར་ བརྩོན་ཤུགས་བསྐྱེད་དེ་ སྦྱངས་བརྩོན་འབད་ནི་ཨིན་ཟེར་བའི་ མཁས་བླངས་ཕུལ་ནི་དང་ ལོ་ངོ་གཉིས་ཀྱི་ནང་འཁོད་ལུ་ རྐྱེ་ངན་འབྱུང་མ་བཅུ་ཟེར་ སྨོན་ལམ་བཏབ་ནི་ཨིན་ལགས།
སྐྱེས་བ་ཅན་གྱི་མགོན་པོ་ཚེ་རིང་།
ལེགས་བཤད་ལས། རིག་པར་ནང་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་འགྱུར་ཀྱང་།། སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཟེར་གསུངས་སོ།།

No comments:

Post a Comment

གནམ་བྱཱར་གྱི་སྐབས་ཟླཝ་ཕྱེད་དང་གཉིས་བཞུགས་དགོ་པའི་རྒྱབ་ཁུངས། ༉ ང་བཅས་རའི་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ཡོད་པའི་...