![]() |
| མཁན་ཆེན་དཀར་པོ་མཆོག་ལ་ན་མོ། |
ང་ཡི་དྲིན་ཆེན་བླ་མ་མཁྱེན།།
བདུད་འཇོམས་མཆོག་གི་ཐུགས་སྲས་ལགས།།
མཁན་ཆེན་དཀར་པོའི་ཞབས་ལ་འདུད།།
སྐུ་རི་མདོ་བཞིའི་ལུངས་ཕྱོགས་སུ།།
སྟ་སྐད་ལའི་སྐེད་པར་ལུ།།
བྱིན་ཅན་གུརུའི་སྐུ་འདྲ་ཆགས།།
ཟངས་མདོག་དཔལ་རི་དབྱེ་བ་མེད།།
ནང་རྟེན་དུ་ཆོས་ལོངས་སྤྲུལ་གསུམ་བཞུགས།།
ཕྱིིའི་ལྟར་དུ་ཨྱོན་དངོས་སུམ་འཇལ།།
རང་ལས་ངན་ཅན་གྱི་སྡིག་ཅན་ལུ།།
![]() |
| ཨྱོན་གུ་རུའི་སྐུ་འདྲ་འབྱིན་ཅན་ཆེན་མོ། |
གུ་རུའི་འབྱིན་རླབས་གནང་བར་གསོལ།།
མཁན་ཆེན་ཁོ་རས་སྙན་གྲགས་དང་།།
ཕ་ཡུལ་ཨིན་ཟེར་མེན་པར་བཞིན།།
སྤྱིར་འཛམ་གླིང་གཞི་བདེ་དོན་ལུ་ཟེར།།
གསུངས་པ་ཙམ་གིས་ཡ་མཚན་ཆེའོ།།
རང་ལུས་ངག་ཡིད་གསུམ་ཁྱེད་ལུ་ཕུལ།
ནག་པོའི་ལམ་ལས་སྐྱབས་ཏུ་གསོལ།།
ཚེ་ཕྱི་མ་ཟངས་མདོག་དཔལ་རི་ལུ།།
སྐྱེས་ཚུགས་པའི་གདམ་ངག་རང་ལ་ཞུའོ།།


No comments:
Post a Comment