༼འཛམ་གླིང་དགའ་མཐུན་གྱི་ཉིནམ༽
༉ དུས་རྟག་ཏུ་
སྤྱི་ཟླ་ ༠༢ པའི་ཚེས་ ༡༤ འདི་ སྤྱིར་བཏང་འཛམ་གླིང་ནང་ལུ་ དགའ་མཐུན་གྱི་ཉིནམ་ཟེར་ རང་གི་དགའ་བའི་མི་དང་མཉམ་
ཡུན་རིང་དུ་གཅིག་ཁར་གནས་ནིའི་དོན་ དུས་བསྟོན་བརྩིས་སྲུང་ཞུཝ་ཨིན་པས། དེ་མ་ཚད་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་
ཉིནམ་འདི་གནམ་མེད་ས་མེད་ཁག་ཆེ་ཤོས་གཅིག་མེན་རུང་ དགའ་མཐུན་ཡོད་མི་ཚུ་གི་དོན་ལུ་ དུས་བསྐལ་བཟང་པོ་གཅིག་སྦེ་བརྩིས་སྲོལ་ཡོདཔ་བཞིན་དུ་
རང་གིས་ཡང་ ང་རའི་དགའ་མཐུན་བུམོ་རོགས་ སངྱས་ལྔ་འཛོམས་ལུ་ ཧིངས་ལས་རང་དགའ་བའི་བརྩོམ་གཅིག་བྲིས་ནི་ཨིན།
༡༽ སྔོན་ལས་སྨོན་བཟང་པོའི་འབྲས་བུ་ལས།།
ས་དགའ་བ་སེམས་རྟོག་ཁ་ལུ་སྨོ།།
ངོ་འདྲི་ཤེས་མེད་དེ་འབད་རུང་རང་།།
![]() |
| དགའ་མཐུན་གཉིས། |
ཨའེ་གཅིག་ཁར་འཛོམས་པ་སེམས་རེ་དགའ།།
ནམ་སེར་ཁ་ཤར་བའི་མེ་ཏོག་འདི།།
རོགས་གསེར་སྦྱང་དམངས་ཀྱི་སྤྱོད་ས་མས།།
ངེའི་མིག་ལུ་མཛེས་པའི་བུམོ་ཁྱོད་ཡང་།།
ཨའེ་ཚེ་གཅིག་ངེ་ཡི་་ཧིང་གཏན་ཨིན།།
མ་གཞི་དུས་བཞི་འགྱུར་ས་ཡོད་རུང་།།
ངེའི་སེམས་དང་ཁྱོད་སེམས་འགྱུར་ཐབས་མེད།།
ཨའེ་འགྱུར་བ་མེད་པའི་ཁ་ཚིག་འདི།།
དུས་ད་རེས་རྡོ་གུར་འབྲིས་ནི་ཨིན།།
དགའ་སེམས་འགྱུར་བར་མེད་པའི་སྨོན་ལམ།།
ད་རེས་དགའ་མཐུན་གཉིས་ཀྱིས་བཏབ་དགེ།།
བསྐལ་པ་བརྒྱ་ལུ་གནས་པའི་གླུ་དབྱངས།།
དུས་རྟག་ཏུ་བག་ཆགས་བཞག་ནི་ཨིན།།

No comments:
Post a Comment