༼ཆ་རོགས་ཁྱོད་ཀྱི་བཀའ་དྲིན༽
![]() |
| སྤེལ་ཁང་གི་མཁན་པོ། |
![]() |
| སྤེལ་ཁང་གི་མཚན། |
༉ སྤྱི་ལོ་
༢༠༡༥ ལོར་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ སེམས་རྟོག་ཁ་ལས་ ཁྲིམས་དོན་གཙུག་ལག་འོག་མའི་
སྦྱོང་བརྡར་མཐར་འཁྱོལ་བའི་རྗེས་སུ་ རང་སོའི་ལཱ་གཡོག་གི་འཛུལ་གཞུགས་འབད་ནི་ལུ་ གནམ་མེད་ས་མེད་ལཱ་ཁག་གཅིག་ཡོད་མི་དེ་ཡང་
ལཱ་གཡོག་གི་དོན་ལུ་བཅའ་མར་གཏོགས་མི་འདི་ ལོག་ལྟབ་གཉིས་ལྟབ་ཀྱི་ལྷབ་སྦྱངས་གནང་མི་ མི་གྲངས་ཡོད་རུང་
གཞུང་ལས་ས་སྟོང་དག་པ་གཅིག་ལས་མེད་པའི་གནད་ལས་ སེལ་བཙག་གི་ལམ་བསྟོན་ཡོདཔ་ལས་ ང་བཅས་གེ་ར་ལམ་དེ་ཁར་ལས་
བཙག་དགོ་ནི་དེ་གི་ རང་གི་དྲི་བ་དྲིས་ལན་འདི་ནང་ལས་ གདམ་འཐུས་གྲུབ་མ་ཚུགས་རུང་ ང་བཅས་རའི་རྒྱལ་ཁབ་ནང་ལུ་
སྒེར་དོན་ལས་བརྟེན་པའི་ ལཱ་གཡོག་གནང་ཐབས་ཀྱི་སྲོལ་ཡོད་མི་འདི་ གནམ་མེད་ས་མེད་ཀྱི་ལས་རིམ་མཆོག་གྱུར་གཅིག་ཨིན་མས་ཟེར་ཞུ་ནི།
![]() |
| འཕྲོ་མཐུད་ཤེས་ཡོན་པ། |
བསམ་བསམ་པའི་ཤིང་ཁར་ བྱ་འཁོར་མ་ཚུགས་རུང་
གུ་རུ་པདྨ་འོད་ཟེར་ཁྲིམས་དོན་ཞབས་ཏོག་པའི་ སྦྱིན་བདག་ མ་དཱན་ལ་མའི་བཀའ་དྲིན་ལས་ ས་གནས་བསམ་རྩེ་
འབྲུག་འགྲུལ་འཕྲིན་ཉེས་འདབ་ལུ་ གཞི་གཙུགས་ཡོད་པའི་ཡིག་ཚང་ནང་ ཁྲིམས་དོན་ཞབས་ཏོག་པ་སྦེ་
ཕྱག་ཞུ་ནི་འགོ་སྐབས་གནང་མི་འདི་ལུ་ ང་རའི་ཧིང་ཐག་པའི་ངང་ལས་ བཀའ་དྲིན་དགའ་འཚོར་དང་
བསྐལ་བ་བཟང་ཡི་ཟེར་ཞུ་ནི། ང་གིས་ལོ་ངོ་ གཅིག་དང་ཟླ་ངོ་ལྔ་ལྷག་ཙམ་གཅིག་ ཕྱག་ཞུས་བའི་ནམ་དུས་ལུ་
བསམ་རྩེ་རྫོང་ཁག་གི་མི་སེར་ཡོངས་ལུ་ སྒོ་གསུམ་གུས་པའི་ངང་ལས་ ཞབས་ཏོག་སྒོ་ཡང་ཏོག་ཏོག་སྦེ་ཕྱག་ཞུ་ཚུགས་ཅིག་ཟེར་
ང་རའི་སེམས་ཀྱི་འཆར་སྣང་གཅིག་ཨིན་ཟེར་ཞུ་ནི།
![]() |
| ཆ་རོགས་ ལས་སྐྱིད་རྡོ་རྗེ། |
བསམ་རྩེ་རྫོང་ཁག་ནང་སྡོད་དེ་ ཆ་རོགས་ཡང་ལེགས་ཤོམ་ལེ་ཤ་རང་འཐོབ་ཅི།
དེ་ཚུ་གི་གྲལ་ལས་ ཕམ་གཅིག་གི་སྤུན་ཆ་བཟུམ་སྦེ་སྡོད་མི་ ཆ་རོགས་ལས་སྐྱིད་རྡོ་རྗེ་དང་
འཕྱད་དེ་གནམ་མེད་ས་མེད་སེམས་དགའ་ཡི། དེ་ཡང་ གཅིག་གི་གཅིག་ལུ་གྲོགས་རམ་དང་དཀའ་ངལ་ སེམས་ཀྱི་སྐྱོ་ལང་ཚུ་གཅིག་གི་གཅིག་ལུ་བཤད་དེ་
སྡོད་པའི་ཐ་མ་ ང་བཅས་གཉིས་ཆ་ར་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ལྷོད་དེ་ འབྲུག་རྒྱལ་ཁབ་ཀྱི་བཀའ་དྲིན་བླ་ན་མེད་པའི་
རྡོ་རྗེ་འཆང་གི་ཁྲི་ཐོགས་པ་ སྐྱབས་རྗེ་རིན་པོ་ཆེའི་ ཐུགས་ལས་འཁྲུངས་པའི་ སེམས་དོན་རིག་པའི་སྤེལ་ཁང་
སེམས་རྟོག་ཁ་ལུ་སྦེ་ འཕྲོས་མཐུད་ཤེས་ཡོན་ སྦྱངས་ནི་འགོ་སྐབས་འཐོབ་ཚུགས་མི་འདི་ཡང་ ངེའི་ཆ་རོགས་ཁྱོད་ཀྱི་བཀའ་དྲིན་ལས་ཨིན་ཟེར་
དུས་རྟག་ཏུ་སེམས་ཁར་ དྲན་དེ་རང་ཡོད་ཟེར་ཞུ་ནི།
ད་ལོ་ངོ་གཉིས་བསམ་པ་རྫོགསཔ་སྦེ་ མཐར་འཁྱོལ་བའི་ཁར་
ད་རུང་ ལོ་ངོ་གཉིས་ཡོད་རུང་ ད་ལས་ཕར་འབད་རུང་ ང་བཅས་འཕྲོས་མཐུད་ཤེས་ཡོན་པ་ཡོངས་ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་།
སྐྱབས་རྗེ་རིན་པོ་ཆེའི་ཐུགས་སྨོན། ཕམ་གཉིས་དང་ སྤེལ་ཁང་གི་མཁན་པོ་རྣམས་ཀྱི་ལམ་བསྟོན།
བྱམས་རྩེ་ལྡན་པའི་གཉེན་གྲོགས་དང་ སྤུན་ཆ་ཚུ་གི་བརྩེ་བའི་ཐོགས་ལས་ སེམས་དོན་རིག་པའི་སྤེལ་ཁང་ལས་
མཐོ་རིམ་གོང་མའི་ཤེས་ཡོན་ མཐར་འཁྱོལ་ཅན་གཅིག་སྦེ་འབྱུང་བཅུག་ཟེར་བའི་ སྨོན་ལམ་དང་གཅིག་ཁར་
༔ འཁོར་འདས་འབྱེད་པོ་ རང་སེམས་གཉུག་མའི་དོན།། དེ་ཉིད་རིག་པའི་ཐབས་ཚུལ་ ཆོས་ཀྱི་གཞུང་།།
སྤེལ་བའི་ཁང་བཟང་ པདྨའི་དགའ་ཚལ་འདིར།། བསྐལ་ལྡན་བུང་བའི་ ཚོགས་རྣམས་དར་རྒྱས་ཤོག།། ཟེར་བའི་སྤེལ་ཁང་གི་སྨོན་ཚིག་ཞུའོ།།།




No comments:
Post a Comment