Tuesday, October 15, 2019



༼ངེའི་གཟུགས་ཀྱི་གྱིབ་མ༽
   ང་བཅས་རའི་མི་ཚེ་འདི་ནང་ གཅིག་གི་གཅིག་ལུ་མཐོང་ཚུགས་པའི་གཟུགས་ཀྱི་གྱིབ་མ་འདི་ གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་ཨིནམ་ལས་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ལས་ གུས་ཞབས་འབད་དགོཔ་འདི་ཡང་ལམ་སྲོལ་བཟང་པོ་གཅིག་ཨིན་ཟེར་ཞུ་ནི།
དགའ་བའི་བུམོ་ སངས་རྒྱས་ལྔ་འཛོམས།
    ངེའི་གཟུགས་ཀྱི་གྱིབ་མ་འདི་ ག་དེ་སྦེ་འོང་ཡོདཔ་ཨིན་ན་ དེ་གི་སྐོར་ལས་སྲུང་ཁ་གསལ་སྦེ་ཞུ་བ་ཅིན་ སྤྱི་ལོ་ ༢༠༡༢ ལོར་ ང་གི་སློབ་རིམ་༡༢ པ་འདི་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ཆགས་ཡོད་པའི་ སྒེར་གྱི་སློབ་གྲྭ་ རིན་ཆེན་སློབ་གྲྭ་ཟེར་ གནམ་མེད་ས་མེད་མཆོག་འགྱུར་གྱི་སློབ་གྲྭ་གཅིག་ཨིན་པའི་ཁར་ འདི་ནང་ལུ་བཞུགས་ཡོད་པའི་ཕྱི་ནང་གཉིས་ཀའི་སློབ་དཔོན་ཡང་ བྱམས་རྩེ་ལྡན་པའི་ཁར་ ཡོན་ཏན་ལུ་མཁས་མཆོག་ཚུ་ལས་ ཡོན་ཏན་ཞུས་ནི་གོ་སྐབས་འཐོབ་མི་ལུ་ ང་རང་ཡང་བསྐལ་བ་བཟང་པོའི་ སློབ་ཕྲུག་གཅིག་ཨིན་པས་ཟེར་ཤེས་རྟོགས་བྱུང་ཡི།
    དེ་ལས་ སློབ་རིམ་༡༢ པའི་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ ཁྱབ་བསྒྲགས་འབད་ཡོད་པའི་གནས་ཚུལ་ཐོས་པའི་ཤུལ་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ཡང་ མཁས་འཕགས་ཀྱི་གྲལ་མ་ཚུད་རུང་ རང་གི་འོས་འབབ་དང་ལྡནམ་གཅིག་འཐོབ་ཚུགས་མི་འདི་ལུ་ སེམས་དགའ་རུང་ ང་རའི་རེ་འདོད་དང་འཁྲིལ་ སློབ་དཔོན་སློབ་སྦྱོངས་ཀྱི་གོ་སྐབས་མ་འཐོབ་རུང་ ང་བཅས་རའི་མི་ཚེ་ནང་ ཁག་ཆེ་བའི་ཁྲིམས་དོན་གཙུག་ལག་འོག་མའི་ སློབ་སྦྱོངས་ འཛིན་སྐྱོང་སློབ་སྡེ་སེམས་རྟོག་ཁ་ལས་ སྦྱངས་བརྩོན་འབད་ནིའི་གོ་སྐབས་འཐོབ་ཚུགས་མི་འདི་ ངེའི་མི་ཚེ་ནང་དགའ་བ་སྦོམ་ཤོས་གཅིག་ཨིན་ཟེར་ཞུ་ནི།
དགའ་བའི་བུམོ་ སངས་རྒྱས་ལྔ་འཛོམས།
    འཇིག་རྟེན་པའི་དཔྱེ་གཏམ་ནང་ལས་ཡང་ མི་དང་བསྟུན་པའི་བཟའ་གྲོགས་ ཤིང་དང་བསྟུན་པའི་ཤ་མུ་ཟེར་སླབ་དོ་བཟུམ་ འཛིན་སྐྱོང་སློབ་སྡེ་ནང་ལྷོད་པའི་སྐབས་ལས་ ངེའི་སེམས་ལུ་གཞན་དང་མ་འདྲ་བའི་དགའ་བ་འབྱུང་ཡི་ དེ་ཡང་ ས་གནས་ཁག་སོ་སོ་ལས་འབྱོན་པའི་ཆ་རོགས་ཚུ་དང་འཕྱད་ ག་ཅི་འབད་རུང་གཅིག་བསྒྲིལ་ཐོག་ལས་ གཅིག་གི་གཅིག་ལུ་ཤ་ཞེན་ཐོག་ལས་སྡོད་དེ་ ཁྲིམས་དོན་གྱི་སློབ་སྦྱོངས་འགོ་བཙུགས་ཅི། དེ་སྦེ་ཕམ་གཅིག་གི་བུ་གཞི་བཟུམ་སྦེ་ གཅིག་ཁར་འཛོམས་ཚུགས་མི་འདི་ ཚེ་སྔོན་གྱི་ལས་འཕྲོ་ཨིནམ་ལས་ གཅིག་གི་གཅིག་ལུ་གུས་ཞབས་བསྐྱེད་དགོཔ་འདི་ཁག་ཆེ་བས་ཟེར་ཞུ་ནི།
    ཟླ་ངོ་དག་པ་གཅིག་གི་རྒྱབ་ལས་ ངེའི་སེམས་ཡང་ བུམོ་སངས་རྒྱས་ལྔ་འཛོམས་ཟེར་མི་ལུ་ སེམས་ཀྱི་ཧིངས་ལས་དགའ་བའི་ཁར་ མོ་གིས་ཡང་ང་ལུ་དགའ་བས་ཟེར་ ང་བཅས་གཉིས་པོ་གཟུགས་དང་གྱིབ་བཟུམ་གཅིག་ལུ་འགྱུར་ཡར་སོང་ཡི། ང་གིས་ཤེས་མོ་བུམོ་གཞན་དང་རྩ་ལས་མི་འདྲ་ དེ་ཡང་ གཉེན་གྲོགས་ལུ་དམ་ཚིག་གཙང་མ་ ཕམ་སྤུན་ཆ་ལུ་བརྩེ་གདུང་ཆེཝ་ལས་ ངེའི་སེམས་ལས་ཡལ་མ་བཅུ་ཟེར་དང་ བྲེལ་བ་མེད་པར་སྡོད་བཅུ་ཟེར་བའི་སྨོན་ལམ་བཏབ་དེ་རང་ཡོད། ངེའི་སེམས་ལས་འབད་རུང་ ང་མོ་དང་མཉམ་གཅིག་ཚེ་གཅིག་ལུས་གཅིག་གི་གཉེན་གྲོགས་འབད་དེ་ མ་ཤིས་ཚུན་གྱི་བར་དུ་སྡོད་ནི་དང་ ངེའི་དགའ་བའི་སེམས་འདི་ཨ་རྟག་བཟུམ་བཞག་ནི་ཨིན།
   

No comments:

Post a Comment

གནམ་བྱཱར་གྱི་སྐབས་ཟླཝ་ཕྱེད་དང་གཉིས་བཞུགས་དགོ་པའི་རྒྱབ་ཁུངས། ༉ ང་བཅས་རའི་རྒྱལ་ཁབ་འདི་ཆོས་དང་ལྡན་པའི་རྒྱལ་ཁབ་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ཡོད་པའི་...